For the English language FAQs, please visit this link: https://future-of-tibet.org/en/paris-conference-faqs/
བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་གཉིས་པ་ག་དུས་ཚོགས་རྒྱུ་རེད་དམ།
སྤྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས་ནས་ཚེས་ ༢༧ རེས་གཟའ་ཉི་མ་བར་རེད།
བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་གཉིས་པ་ས་ཆ་གང་དུ་ཚོགས་རྒྱུ་རེད་དམ།
ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་གྲོང་ཁྱེར་ནང་རེད།
ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་སྤྱི་ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས་ཀྱི་ཕྱི་དྲོ་ INALCO ནང་ཚོགས་རྒྱུ་རེད།
གཟའ་མཇུག་གི་ལྷན་ཚོགས་དེ་ central venue in Paris ནང་ཚོགས་རྒྱུ་རེད།
ཞིབ་ཕྲའི་གནས་ཚུལ་ཐོ་འགོད་ཟིན་རྗེས་གློག་འཕྲིན་བརྒྱུད་ནས་འབུལ་རྒྱུ་ཡིན།
བོད་ཀྱི་མདུན་ལམ་ལས་འགུལ་སྐོར་ཞིབ་གནས་གཤམ་གྱི་དྲ་ཐག་ཐོག་ནས་གཟིགས་རོགས།
བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཀྱི་དམིགས་ཡུལ་གང་རེད་དམ།
ལྷན་ཚོགས་ཐེངས་གཉིས་པའི་དམིགས་ཡུལ་ནི་བོད་ཀྱི་མ་འོངས་པའི་གནས་སྟངས་གང་འདྲ་ཞིག་ཡོང་ངེས་པའི་འཆར་སྟངས་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན་པས། བོད་ཀྱི་མ་འོངས་པའི་མདུན་ལམ་ཐོག་བགྲོ་གླེང་གང་མང་ཡོང་བ་བྱ་རྒྱུ་ཡིན།
ངས་ཚོགས་ཞུགས་ཆེད་ཐོ་འགོད་ཇི་ལྟར་བྱ་དགོས་སམ། ཐོ་འགོད་དང་དུས་ཚོད།
དྲ་ཐོག་ནས་ཐོ་འགོད་འགེངས་ཤོག་འདི་སྐོངས་རོགས་གནང་།
ཐོ་འགོད་དུས་ཚོད་ནི་སྤྱི་ཟླ་ ༡༠ ཚེས་ ༡༥ ནས་སྤྱི་ཟླ་ ༡༡ ཚེས་ ༡༥ བར་ཡིན།
ཚོགས་བཅར་བའི་གྲངས་ཚད་ལོན་རྗེས་སྒུག་ཐོའི་ནང་འཇོག་རྒྱུ་ཡིན།
མི་ག་ཚོད་མཉམ་ཞུགས་བྱ་རྒྱུ་རེད་དམ།
གཟའ་པ་སངས་ཀྱི་དབུ་འབྱེད་མཛད་སྒོར་མི་ ༡༠༠ མཉམ་ཞུགས་བྱ་ཆོག
གཟའ་སྤེན་པ་དང་ཉི་མའི་ལྷན་ཚོགས་ཐོག་མི་ ༥༠ མཉམ་ཞུས་བྱ་ཆོག
ཚོགས་བཅར་དོད་འབུལ་དགོས་སམ།
རེད། ཚོགས་བཅར་བ་ཚང་མས་ཚོགས་བཅར་དོད་ཨ་སྒོར་ ༤༥ དང་སློབ་ཕྲུག་ནས་ཨ་སྒོར་ ༡༥ འབུལ་དགོས། དོད་འདིའི་ནང་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ཀྱི་ཉིན་གུང་ཞལ་ལག་དང་བར་གསེང་གི་གསོལ་ཇའི་རིགས་སོགས་ཚང་མ་ཚུད་ཡོད། དོད་ཇི་ལྟར་འབུལ་དངོས་མིན་ཐོ་འགོད་འགེངས་ཤོག་ཐོག་གསལ་ཡོད།
གལ་སྲིད་ཁྱེད་རང་རེས་གཟའ་པ་སངས་ཉིན་གཅིག་པུར་ཕེབས་རྒྱུ་ཡིན་ཚེ་དྲ་ཐོག་ནས་ཚོགས་བཅར་དོད་གནང་མི་དགོས། འོན་ཀྱང་དེ་ཉིན་དངུལ་རྐྱང་ཡུ་སྒོར་༡༠ ངེས་པར་དུ་འཁྱེར་ཡོང་རོགས་གནང་།
གལ་སྲིད་ཁྱེད་ཀྱི་ཚོགས་ཞུགས་དོད་འབུལ་མ་ཐུབ་ཚེ་གཤམ་གྱི་གློག་འཕྲིན་ཐོག་འབྲེལ་བ་གནང་རོགས།
ང་ཚོར་གློག་འཕྲིན་ཐོག་འབྲེལ་བ་གནང་རོགས།
ངས་ཐོ་འགོད་བྱེད་ཐུབ་མ་སོང་བས་ཚོགས་འདུར་ཡོང་ན་འགྲིག་གི་རེད་དམ།
འགྲིག་གི་མ་རེད། ཚོགས་འདུར་དྲ་ཐོག་ནས་ཐོ་འགོད་ཀྱིས་གཏན་ཁེལ་བྱས་ཟིན་ན་མ་གཏོགས་ཡོང་ཆོག་གི་མ་རེད།
ཚོགས་འདུར་སྐད་ཡིག་ག་རེ་བེད་སྤྱོད་བྱ་རྒྱུ་རེད་དམ།
ཚོགས་འདུའི་སྐབས་བགྲོ་གླེང་བོད་སྐད་ཐོག་ནས་བྱ་རྒྱུ་རེད། འོན་ཀྱང་གཟའ་སྤེན་པའི་ན་གཞོན་བཞུགས་མོལ་བགྲོ་གླེང་དེ་དབྱིན་སྐད་ནང་རེད།
ང་བོད་པ་མིན་པས་ཚོགས་འདུར་ཡོང་ན་འགྲིག་གི་རེད་དམ།
མ་རེད། ཚོགས་བཅར་བ་ཚང་མ་བོད་པ་ཡིན་དགོས།
ཚོགས་བཅར་བའི་ལོ་ཚད་ག་ཚོད་་རེད་དམ།
རང་ལོ་ ༡༨ ཟིན་པ་སུ་ཡོང་ན་ཡང་ཆོག་གི་རེད།
ལམ་གྲོན་རོགས་རམ་བྱེད་ཀྱི་རེད་དམ།
རེད། རོགས་རམ་དགོས་ངེས་ཚོར་ཚད་བཀག་གི་རོགས་རམ་གནང་གི་རེད། ང་ཚོར་གློག་འཕྲིན་ཐོག་འབྲེལ་བ་གནང་རོགས།
ངས་ཉིན་གསུམ་ཀ་ལ་མཉམ་ཞུགས་བྱ་དགོས་རེད་དམ།
ཚོགས་འདུར་ཉིན་གསུམ་ཀ་མཉམ་ཞུགས་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་པས། ཉིན་གསུམ་ཡོང་མཁན་ལ་གལ་ཆེར་བརྩི་རྒྱུ་ཡིན། གལ་སྲིད་ཉིན་གཅིག་ལས་མཉམ་ཞུགས་མ་ཐུབ་ན་ཡང་ཚོགས་བཅར་བའི་དོད་ངེས་པར་དུ་འབུལ་དགོས།
ང་ས་གནས་སུ་མཉམ་ཞུགས་ཐུབ་ཀྱི་མིན་འདུག་པས་དྲ་ཐོག་ནས་མཉམ་ཞུགས་བྱ་ཐུབ་ཀྱི་རེད་དམ།
ལས་རིམ་ཁག་གཅིག་དྲ་ཐོག་ནས་ཐད་གཏོང་བྱ་རྒྱུ་ཡིན་པས། ཁྱེད་ཀྱིས་ང་ཚོའི་ཡུ་ཊུ་དང་ངོ་དེབ་ཐོག་ནས་ཐད་གཏོང་བྱས་པའི་ལས་རིམ་རྣམས་གཟིགས་ན་འགྲིག དེར་ཐོ་འགོད་བྱ་མི་དགོས།
ང་ལ་དགོས་མཁོ་ཡོད་པ་དེ་གོང་གི་ཐོ་གཞུང་ནང་མིན་འདུག་པས་གང་བྱེད་དགོས་སམ།
ང་ཚོར་གློག་འཕྲིན་ཐོག་ནས་འབྲེལ་བ་གནང་རོགས། united@future-of-tibet.org
ངས་ཐོ་འགོད་མ་བྱས་གོང་ཞིབ་ཕྲའི་གནས་ཚུལ་མང་ཙམ་ཤེས་འདོད་འདུག
ང་ཚོའི་ངོ་དེབ་དང་ཊུ་ཊར་སོགས་སྤྱི་ཚོགས་དྲ་ལམ་ཁག་ལ་ཕེབས་ནས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་གནང་རོགས།
ངས་རོགས་པ་བྱེད་འདོད་འདུག ཚོགས་འདུའི་སྐབས་་དང་བླངས་རོགས་པ་བྱས་ན་འགྲིག་གི་རེད་པས།
དེ་འདྲ་བྱུང་ན་ཧ་ཅང་ཡག་པོ་འདུག ཁྱེད་རང་གིས་ངེས་པར་དུ་ང་ཚོར་གློག་འཕྲིན་ཐོག་འབྲེལ་བ་གནང་རོགས།
united@future-of-tibet.org