བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་གཉིས་པ་དེ་སྤྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཡུ་རོབ་ཀྱི་ཧྥ་རན་སིའི་གྲོང་ཁྱེར་ཕེ་རི་སི་རུ་ཚོགས་རྒྱུ་ལགས་ན། ཡུ་རོབ་གནས་བཞུགས་ཀྱི་སྤུན་ཟླ་ལྷན་རྒྱས་ནས་ལྷན་ཚོགས་ཉིན་གསུམ་རིང་མཉམ་ཞུགས་གནང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད།
ལྷན་ཚོགས་ཐེངས་གཉིས་པའི་དམིགས་ཡུལ་ནི་བོད་ཀྱི་མ་འོངས་པའི་གནས་སྟངས་གང་འདྲ་ཞིག་ཡོང་ངེས་པའི་འཆར་སྟངས་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན་པས། བོད་ཀྱི་མ་འོངས་པའི་མདུན་ལམ་ཐོག་བགྲོ་གླེང་གང་མང་ཡོང་བ་བྱ་རྒྱུ་དང་། ལྷག་པར་དུ་གཞིས་ལུས་སྤུན་ཟླ་དང་ལྷན་དུ་རྒྱུས་ལོན་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན།
ཚོགས་འདུ་འདིར་གདན་ཞུས་གསུང་བཤད་གནང་མཁན་ཁེ་ན་ཊ་ནས་འབུམ་རམས་པ་རྒྱལ་ལོ་ལགས་དང་། སྐུ་ཡི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། སུད་སི་ནས་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། ཁེ་ན་ཊ་ནས་ན་གཞོན་འཐབ་རྩོད་པ་འཆི་མེད་ལྷ་མོ་ལགས། ཧྥ་རན་སི་ནས་གློག་བརྙན་བཟོ་སྐྲུན་པ་དང་སྙན་ངག་པ་ལྗང་བུ་ལགས། ཨིན་ཇི་ནས་ཨོག་སེ་ཕོ་ཊི་གཙུག་ལབ་སློབ་གྲྭའི་འབུམ་རམས་སློབ་མ་ཌ་རིག་ཐོག་མེད་ལགས། ཨི་ཌིན་བྷོར་གཙུག་ལག་སློབ་གྲྭའི་འབུམ་རམ་སློབ་མ་འབྲུག་ཁྲོག་ལགས། པོ་བསྒྲགས་སྙན་སྒྲོན་པ་འབྲུག་ཐར་རྒྱལ་ལགས། ཁོ་ལོ་ར་ཊོ་བྷོ་ཊར་གཙུག་ལག་སློབ་གྲྭའི་འབུམ་རམས་སློབ་མ་ལྷོ་སྐྱིད་ཚང་ཟླ་བ་ལགས་བཅས་ནས་བཞུགས་མོལ་བགྲོ་གླེང་གནང་རྒྱུ་མ་ཟད། ཚོགས་བཅར་བ་ཚོར་ཡང་རང་ཉིད་ཀྱི་དགོངས་འཆར་གསུང་རྒྱུའི་གོ་སྐབས་ཡོད་པས་མཉམ་ཞུགས་གནང་བློ་ཡོད་པ་རྣམ་པས་གཤམ་གྱི་དྲ་ཐག་ཐོག་ཐོ་འགོད་གནང་རོགས།